ལེའུ་གཉིས་པ།
ཁྲིམས་དང་བྲལ་བའི་མི་དེའི་སྐོར།
1 ད་སྤུན་ཟླ་རྣམས།
ང་ཚོའི་གཙོ་བོ ་ཡེ་ཤུ ་མཱ་ཤི་ཀ ་ཡང་བསྐྱར་འབྱོན་པ་དང༌།
ང་ཚོ་ཁོང་དང་འཇལ་བར་འདུ་བའི་སྐོར་ཞུ་རྒྱུ་ཡིན།
2 གཙོ་བོའི་ཉིན་མོ་ལ་བབས་ཟིན་པ་ཡིན་ཞེས་ཟེར་བའི་ལུང་བསྟན་ནམ།
འཕྲིན།
ང་ཚོ་ནས་ཡིན་པ་ལྟ་བུའི་ཡི་གེ་སོགས་དེས་ཁྱེད་ཚོ་སླ་བར་སེམས་འཁྲུག་པ་དང༌།
ཡང་ན་འཇིགས་པར་མ་འགྱུར་བར་སྐུལ།
3 སུས་ཀྱང་ཐབས་གང་སྤྱད་ནས་ཁྱེད་རྣམས་ལ་མགོ་སྐོར་གཏོང་དུ་མ་འཇུག་ཅིག
གང་ཡིན་ཞེ་ན།
དང་པོར་ངོ་ལོག་བྱས་པ་དང༌།
འཇིག་ཏུ་འགྲོ་བ་སྟེ་ཁྲིམས་དང་བྲལ་བའི་མི་དེ་མི་མངོན་པའི་བར་དུ་ཉིན་མོ་དེ་མི་འོང༌།
4 མི་དེས་ལྷ་ཞེས་ཟེར་མཁན་དང༌།
བསྙེན་བཀུར་བྱེད་པའི་རྟེན་ཐམས་ཅད་ལ་ངོ་རྒོལ་བྱེད་ཅིང༌།
རང་ཉིད་ཐམས་ཅད་ལས་འཕགས་པར་བྱས་ནས་དཀོན་མཆོག ་གི་མཆོད་ཁང་ཆེན་མོ འི་ནང་ལ་བསྡད་དེ་རང་ཉིད་དཀོན་མཆོག་ཡིན་ཞེས་ཟེར།
5 ང་ཁྱེད་ཚོའི་རྩར་ཡོད་དུས་དོན་དེ་རྣམས་བཤད་པ་མི་དྲན་ནམ།
6 ཡང་དུས་ལ་འབབ་སྐབས་ཁོ་མངོན་པར་འགྱུར་བའི་ཕྱིར་ད་ལྟ་གང་གིས་འགོག་པ་དེ་ཁྱེད་ཚོས་ཤེས།
7 གང་ལགས་ཟེར་ན།
ད་ལྟའང་ཁྲིམས་དང་བྲལ་བའི་གསང་བ་དེས་ལས་བྱེད་བཞིན་འདུག
འོན་ཀྱང་འགོག་མཁན་དེ་མེད་པར་འགྱུར་བའི་བར་དུ་ལུས་སོ།
8 དེ་ནས་ཁྲིམས་དང་བྲལ་བ་དེ་མངོན་པར་འགྱུར།
གཙོ་བོ་ཡེ་ཤུས་རང་གི་ཞལ་གྱི་དབུགས་ཀྱིས་དེ་འཇོམས་ཤིང༌།
ཁོང་འབྱོན་པའི་གཟི་བརྗིད་ཀྱིས་དེ་མེད་པར་མཛད།
9 ཁྲིམས་དང་བྲལ་བ་དེ་བདུད་སཱ་ཏན ་གྱི་མཐུ་སྟོབས་དང་ལྡན་ཏེ་ཡོང་ཞིང༌།
དབང་ཐམས་ཅད་དང་བཅས་པར་ངོ་མཚར་ཅན་གྱི་རྟགས།
ཡ་མཚན་གྱི་ལས་རྫུན་མ་བསྒྲུབས་ནས།
10 འཇིག་པར་འགྱུར་བ་རྣམས་ལ་ལས་ཀ་ངན་པ་སྣ་ཚོགས་ཀྱིས་གཡོ་སྒྱུ་བྱེད།
གང་ཡིན་ཞེ་ན།
ཁོ་ཚོས་ཐར་པ ་གནང་བའི་བདེན་པ་ཉིད་ལ་དང་ལེན་མ་འདོད་པས་སོ།
11 དེའི་ཕྱིར་དཀོན་མཆོག་གིས་ཁོ་ཚོར་ནུས་མཐུ་དང་ལྡན་པའི་འཁྲུལ་བའི་སེམས་ཤིག་བཏང་ནས།
ཁོ་ཚོས་རྫུན་ལ་ཡིད་ཆེས་པར་འགྱུར།
12 དེ་ནི་སྤྱོད་ལམ་ངན་པ་ལ་དགའ་སྟེ་བདེན་པ་ལ་ཡིད་མི་ཆེས་མཁན་ཐམས་ཅད་ཉེས་ཆད་གཅོད་པར་འགྱུར་བའི་ཆེད་དུ་ཡིན།
ཐར་པའི་ཕྱིར་བདམས་པ།
13 གཙོ་བོ ས་གཅེས་པའི་སྤུན་ཟླ་རྣམས།
ཁྱེད་ཀྱི་དོན་ལ་ང་ཚོས་རྟག་པར་དཀོན་མཆོག ་ལ་བཀའ་དྲིན་ཆེ་ཞུ་དགོས།
གང་ལགས་ཤེ་ན།
ཐར་པ ་འཐོབ་པའི་ཕྱིར་དཀོན་མཆོག་གིས་ཁྱེད་ཚོ་ཐོག་མ་ནས་བདམས་པས།
ཐར་པ་དེ་ནི་ཁྱེད་ཚོ་དམ་པ་རུ་མཛད་མཁན་དམ་པའི་ཐུགས་ཉིད ་དང༌།
བདེན་པ་ཉིད་ལ་ཡིད་ཆེས་བྱེད་པའི་སྒོ་ནས་འབྱུང་ངོ༌།
14 ང་ཚོའི་གཙོ་བོ་ཡེ་ཤུ ་མཱ་ཤི་ཀ འི་གཟི་བརྗིད་ཀྱི་སྐལ་བ་ཁྱེད་ཚོར་འཐོབ་པའི་ཆེད་དུ།
ང་ཚོས་བསྒྲགས་པའི་འཕྲིན་བཟང ་གི་སྒོ་ནས་ཁོང་གིས་དོན་དེའི་ཕྱིར་ཁྱེད་ཚོ་བོས་པ་གནང་བ་ཡིན།
15 དེས་ན་སྤུན་ཟླ་རྣམས།
བརྟན་པོར་གནས་ཤིག
ང་ཚོས་སྨྲས་པའི་གཏམ་དང༌།
ཡང་ན་ཡི་གེ་ལ་བྲིས་པའི་སྒོ་ནས་བསྟན་པའི་རྒྱུན་སྲོལ་དམ་པོར་འཛིན་དགོས།
16 ད་ངེད་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཉིད་དང༌།
ང་ཚོར་བྱམས་ཤིང་ཐུགས་རྗེའི་སྒོ་ནས་མཐའ་མེད་པའི་སེམས་གསོ་དང༌།
རེ་བ་བཟང་པོ་གནང་མཁན་ཏེ་ང་ཚོའི་ཡབ་དཀོན་མཆོག་གིས་
17 ཁྱེད་ཚོའི་སེམས་གསོ་ཞིང༌།
ངག་དང་ལས་བཟང་པོ་ཐམས་ཅད་ལ་བརྟན་པོར་མཛད་པར་ཤོག །