༄༅། །པའུ་ལུ་ཡིས་ཐེ་ས་ལོ་ནི་ཀེ་པར་བྲིས་པའི་འཕྲིན་ཡིག་དང་པོ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབཔའུ་ལུ
རྩོམ་དུས། སྤྱི་ལོ་ 50 གཡས་གཡོན་ལ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། ཐེ་ས་ལོ་ནི་ཀེགྲོང་ཁྱེར་ལ་སྡོད་མཁན་མཱ་ཤི་པ་རྣམས། (ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་ནི་དེང་སྐབས་ཀྱི་གྷི་རིག་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་ཆགས་ཡོད་)
ནང་དོན་གཙོ་བོ། སྐུ་ཚབ་པའུ་ལུ་གནའ་རབས་ཀྱི་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་ལ་ཆོས་སྟོན་སྐབས་ངོ་རྒོལ་ཤུགས་ཆེན་བྱུང༌། སྐུ་ཚབ་པའུ་ལུ་དང་ཁོང་གི་ལས་རོགས་བྲོས་དགོས་བྱུང་ཡང༌། ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་གྱི་མཱ་ཤི་ཀ་པ་རྣམས་ལ་སེམས་གསོ་གཏོང་བའི་ཕྱིར་པའུ་ལུ་ཡིས་རང་གི་ལས་རོགས་ཐི་མོ་ཐེ་གྲོང་ཁྱེར་དེ་ལ་བཏང༌། ཐི་མོ་ཐེ་ཕྱིར་ལོག་པའི་རྗེས་སུ་ཁོང་གིས་སྐུ་ཚབ་པའུ་ལུ་ལ་ཐེ་ས་ལོ་ནི་ཀེ་པའི་དད་པ་དང་བྱམས་སེམས་ཀྱི་གཏམ་བཟང་བཤད་དེ། ཁོ་རྣམས་ལ་བློ་སྒོ་འབྱེད་ཅིང༌། ཁོ་ཚོའི་འདྲི་བར་ལན་འདེབས་ཆེད་སྐུ་ཚབ་པའུ་ལུ་ཡིས་འཕྲིན་ཡིག་འདི་བྲིས། འཕྲིན་ཡིག་གི་མཇུག་ཏུ་ཁོང་གིས་“རྟག་ཏུ་དགའ་བར་གྱུར་ཅིག རྒྱུན་ཆད་མེད་པར་སྨོན་ལམཐོབ་ཅིང༌། གནས་ཚུལ་གང་ལའང་བཀའ་དྲིན་ཆེ་ཞུས། དེ་ནི་ཁྱེད་ཕྱིར་གཙོ་བོ་ཡེ་ཤུམཱ་ཤི་ཀའི་ངང་ནས་དཀོན་མཆོགགི་དགོངས་པ་ཡིན་ནོ་”ཞེས་བྲིས།