༄༅། །པའུ་ལུ་ཡིས་ཀོ་ལོ་སཱ་པར་བྲིས་པའི་འཕྲིན་ཡིག་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབ ་པའུ་ལུ །
རྩོམ་དུས། སྤྱི་ལོའི་དུས་རབས་དང་པོའི་ཕྱེད་ཀ་གཉིས་པའི་སྐབས་སུ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། ཀོ་ལོ་སཱ་གྲོང་ཁྱེར་ལ་སྡོད་མཁན་མཱ་ཤི་ཀ ་པ་རྣམས། (གནའ་རབས་ཀྱི་ཀོ་ལོ་སཱ་གྲོང་ཁྱེར་ནི་དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ལ་ཡོད་)
ནང་དོན་གཙོ་བོ། སྤྱི་ལོའི་དུས་རབས་དང་པོའི་དུས་དཀྱིལ་ཙམ་ལ་བསླབ་བྱ་རྫུན་མ་སྟོན་པའི་ཆོས་ཤོད་མཁན་རྣམས་ཀོ་ལོ་སཱ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སླེབས། སྐུ་ཚབ་པའུ་ལུ་ཡིས་ཀོ་ལོ་སཱ་པ་རྣམས་ལ་མི་སུ་ཞིག་གིས་སྟོང་ཞིང་མགོ་སྐོར་བའི་མཚན་ཉིད་ཀྱི་སྒོ་ནས་བསླུ་བར་མ་འཇུག་པའི་ཉེན་བརྡ་བཏང༌། དེས་མ་ཟད་ཁོང་གིས་ཁོ་རྣམས་ལ་གཙོ་བོ་ཡེ་ཤུ ་མཱ་ཤི་ཀ་ལ་དད་པ་བྱེད་པར་སྐུལ། གང་ཡིན་ཟེར་ན། ཁོང་ནི་མིག་གིས་མཐོང་མི་ཐུབ་པའི་དཀོན་མཆོག ་གི་གཟུགས་བརྙན་ཡིན་ལ། བཀོད་པ་ཐམས་ཅད་ཀྱི་སྔོན་སྐྱེས་ཡིན་པས་མིའི་རིགས་ཀྱི་ཤེས་རབ་ལས་ཤིན་ཏུ་འཕགས་པ་ཡིན། སྐུ་ཚབ་པའུ་ལུ་ཡིས་བྲིས་པ་ལྟར། མཱ་ཤི་ཀ་པ་རྣམས་ཀྱིས་ས་ལ་ཡོད་པའི་དོན་ལ་བསམ་བློ་མི་གཏོང་བར། སྟེང་ལ་ཡོད་པའི་དོན་ལ་བསམ་བློ་གཏོང་དགོས།